༡ཕྱུགས་རིགས་ཀྱི་གཞན་བརྟེན་འཚོ་འབུའི་ནད་གཙོ་བོའི་འགོས་ལམ་ནི་ཁ་དང་ལྤགས་པ།ཡང་ན་ཐུག་ཕྲད་སྐབས་འགོས་ཀྱི་ཡོད།གཞན་བརྟེན་འཚོ་འབུའི་སྒོ་ང་མང་ཆེ་བ་ནི་རང་བྱུང་ཁམས་ཀྱི་ནང་དུ་འཚར་ལོངས་བྱས་ཏེ་འགོས་པ་དང་ཁ་ཤས་ནི་སྲོག་ཆགས་གཞན་གྱི་གཟུགས་ཐོག་ལ་འཚར་ལོངས་བྱེད་པ་དང་བརྒྱུད་འཕེལ་བྱས་ཏེ་གཞི་ནས་ཕྱུགས་རིགས་ཀྱི་གཟུགས་པོར་འགོས་འགྲོ་གི་ཡོད།
༢ཕྱུགས་རིགས་གཞན་བརྟེན་འཚོ་འབུའི་ནད་ཀྱི་འགོག་བཅོས་བྱེད་ཐབས།
གཙོ་བོ་ཕྱུགས་རིགས་གསོ་ཚགས་དོ་དམ་ལ་ཤུགས་སྣོན་རྒྱག་པ།
ལོ་རེར་དུས་ཚིགས་རང་བཞིན་གྱི་འབུ་འདོན་ཐེངས་གཅིག་ནས་གཉིས་བར་བྱེད་དགོས།
ནད་ཀྱི་འབྱུང་རྩ་དང་བར་གནས་རྩ་མེད་གཏོང་དགོས།