全站搜索:
 院内新闻 
 农业研究所 
 畜牧研究所 
 蔬菜研究所 
 农业质量标准与检测研究所 
 草业科学研究所 
 农业资源与环境研究所 
 水产科学研究所 
 农产品开发与食品科学研究所 
 前沿与动态 
  媒体看农科
当前位置: 首 页 > 媒体看农科 > 正文
 
དབྱིན་ཡིག་ལ་དབྱིངས་ཞུགས་པའི་ཉི་མ་བཀྲ་ཤིས།
 西藏日报

སློབ་གྲྭ་ཆེ་མོ་འགྲིམ་སྐབས། ཉལ་ཁྲི་འོག་མར་སྡོད་མཁན་དེས་ཉལ་ཁྲིའི་ཐོག་ངོས་སུ་དབྱིན་ཡིག་མིང་ཚིག་དང་བློ་ལ་ངེས་དཀའ་བའི་སྤྱི་འགྲོས་མང་པོ་སྦྱར་ཡོད་ལ། ལས་ཀར་ཞུགས་རྗེས། ཁོང་གིས་དེ་ཙམ་མང་པོ་མེད་པའི་ཁྱིམ་ཆས་ཀྱི་ངོས་སུའང་དབྱིན་ཡིག་མིང་ཚིག་སྦྱར་ཡོད། སྐབས་དེ་དུས་དབྱིན་ཡིག་ལ་དབྱིངས་ཞུགས་པའི་ཁོང་ནི་མི་རིང་བའི་གོང་ཚེ་ལས་འདས་པའི་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ཡོན་ཀྲང་ཉི་མ་བཀྲ་ཤིས་རེད།

དབྱིན་ཡིག་ལ་དབྱིངས་དེ་ལྟར་ཞུགས་དོན་གང་ཡིན་ནམ། ཁོང་གིས་བརྗོད་ན་དེ་ནི་སྔོན་ཐོན་རྒྱལ་ཁབ་ཀྱི་ཞིང་ལས་ཚན་རྩལ་ཐད་ཀྱི་དཔྱད་རྩོམ་དང་། དུས་དེབ། དཔེ་དེབ་བཅས་སྔ་ཙམ་ལྟ་ཀློག་ཐུབ་ཆེད་ཡིན་ལ། རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་མུ་མཐུད་སློབ་སྦྱོང་བྱས་ཏེ་འབྱུང་འགྱུར་དེ་བས་བེད་སྤྱོད་ལེགས་པ་གཏོང་ཐུབ་ཆེད་ཡིན་ཞེས་བརྗོད་ཀྱི་ཡོད།

ཐེངས་ཤིག་ཞིང་ལས་པུའི་དེ་སྔའི་དབུ་ཁྲིད་ཀྱིས་ཁ་ན་ཏའི་རིགས་གཅིག་མཁས་ཅན་གྱི་སྣེ་ཁྲིད་དེ་རྟོག་ཞིབ་ལ་སླེབས་སྐབས། ཚང་མས་དབྱིན་ཡིག་ནས་རང་ཉིད་ངོ་སྤྲོད་བྱེད་པའི་རེ་བ་བཏོན་ཀྱང་ལན་འདེབས་མཁན་གཅིག་ཀྱང་བྱུང་མེད། སྐབས་དེར་ཉི་མ་བཀྲ་ཤིས་ཀྱིས་བློ་ཁོག་ཆེན་པོས་མདུན་དུ་བསྐྱོད་དེ་དབྱིན་ཡིག་ནས་རང་ཉིད་ངོ་སྤྲོད་བྱས་པ་དང་། སྐད་སྒྱུར་བྱེད་སྐབས་ནོར་འཁྲུལ་ཅུང་ཟད་ཐོན་ནས་ཚང་མ་གད་མོའི་གནས་སུ་ལྷུང་།

གཞན་གྱིས་དེ“བཞད་གད”ཅིག་ལ་བརྩིས་ཀྱང་། ཁོང་གིས་དེ་ནི་རང་ཉིད་ཀྱིས་དབྱིན་ཡིག་སྦྱོང་བའི་འགོ་འཛུགས་ས་གསར་པ་ཞིག་ལ་བརྩིས་ཡོད། དེ་རྗེས་ཁོང་གིས་རྒྱུན་གཏན་འཚོ་བའི་གཏོང་སྤྲོད་ཕུད་གླ་ཆའི་ལྷག་མ་ཅུང་ཟད་དེས་དབྱིན་ཡིག་སྒྲ་ཐག་དང་དཔེ་དེབ་ཉོ་བ་མ་ཟད། ད་དུང་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་དབྱིན་ཡིག་འཛིན་གྲྭར་མིང་ཐོ་བཀོད་པ་རེད།

དེས་ན་ཁོང་གིས་གཟའ་འཁོར་གཅིག་ནས་དགོང་མོ་ཁ་ཤས་ཤིག་རྐང་འཁོར་བཞོན་ནས་སྤྱི་ལེ་བཅུ་ཙམ་ཡོད་པའི་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དུ་སློབ་ཚན་ཉན་པར་སྐྱོད་ཀྱི་ཡོད།

ལོ་དེ་དག་རིང་དབྱིན་ཡིག་ཡག་པོ་ཞིག་ཤེས་ཆེད་ཁོང་གིས“དཀའ་སྤྱད་ཐབས་འཚོལ”བྱེད་ཀྱི་ཡོད་ཅིང་། གཟའ་མཇུག་སླེབས་རིམ་བཞིན་ཁོང་གིས་བར་སྐོར་དང་ཕོ་བྲང་པོ་ཏ་ལར་བསྐྱོད་དེ་ཡུལ་སྐོར་བར་རིན་མེད་སྐད་སྒྱུར་བྱེད་ཀྱི་ཡོད། མ་གཞི་རྟག་ཏུ་མི་རྣམས་ཀྱིས་ཁོང་ལ་གོ་བ་ལོག་སྒྲུབ་བྱེད་ཀྱི་ཡོད་མོད། འོན་ཀྱང་ཁོང་གིས་ཕྱིར་བཤོལ་གཏན་ནས་བྱེད་མྱོང་མེད།

ཉི་མ་བཀྲ་ཤིས་ལ་རྒྱུས་མངའ་ཡོད་མཁན་ཚང་མས་ཁོང་གི་དབྱིན་ཡིག་ཡག་པོ་དེ་འདྲ་ཡོད་དོན་ནི་རྟག་ཏུ་ལག་ལེན་བྱས་པའི་འབྲས་བུ་རེད་ཅེས་བརྗོད་ཀྱི་ཡོད།

སྔོན་ཆད་སློབ་གྲོགས་དང་ཕྱིས་སུ་ལས་རོགས་སུ་གྱུར་པའི་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་གི་ཞིབ་འཇུག་པ་ཡུས་ཏའེ་ལིན་གྱིས“སྐབས་དེར་དབྱིན་ཡིག་སྦྱོང་བར་དཀའ་ལས་ཧ་ཅང་ཁག་པོ་ཡོད། ཁོང་གིས་དཀའ་སྤྱད་འབད་བརྩོན་དེ་ལྟ་བུ་བྱས་པར་བརྟེན་དབྱིན་ཡིག་གི་ཆུ་ཚད་ཀྱང་ཡག་ཏུ་ནུས་ལྡན་སོང་བ་རེད”ཅེས་བརྗོད།

རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་སུའོ་ཡི་སུའོ་ཀྲང་དབྱང་ཡུང་གིས“ཁོང་ནི་སྐབས་དེ་དུས་ཀྱི་ཆེད་ལས་སྐད་སྒྱུར་བ་ལས་ཆུ་ཚད་ཡག་པ་ཡོད། སྐབས་རེ་ཚན་པ་ཁག་གཅིག་གིས་ཁོང་ལ་སྐད་སྒྱུར་གླ་ཆ་སྤྲོད་ཀྱི་ཡོད་ཀྱང་། ཁོང་གིས་ཚང་མ་གཞུང་ལ་སྤྲོད་ཀྱི་ཡོད”ཅེས་བརྗོད།

2019ལོའི་ཟླ་11ཚེས་12ཉིན། རྒྱལ་སྤྱིའི་ཞིང་ལས་ཚན་རིག་ཁང་གི་ཡོན་ཀྲང་གི་མཐོ་རིམ་བགྲོ་གླེང་ཚོགས་འདུ་སྐབས་དྲུག་པའི་ཐོག རིགས་གཅིག་མཁས་ཅན་གྱི་གྲས་ཉི་མ་བཀྲ་ཤིས་ཀྱིས་བརྒྱུད་རིམ་ཧྲིལ་པོར་དབྱིན་ཡིག་ནས་བརྗོད་དོན་གཙོ་བོའི་གཏམ་བཤད་བྱས་པ་རེད།

རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་ཐོན་ལས་ཁྲུའི་འགན་འཁུར་བ་བཟང་པོས“བརྙན་ལམ་དེ་མཐོང་རྗེས། ང་ཚོར་ཡོན་ཀྲང་འདི་ལྟ་བུ་ཞིག་ཡོད་པར་དངོས་གནས་སྤོབས་པ་སྐྱེ་ཡི་འདུག དོན་དུ་ཡོན་ཀྲང་ཁོང་ནི་དེ་ལྟ་བུའི་འཇོན་ཐང་ཅན་ཞིག་དང་ཕུལ་བྱུང་མི་སྣ་ཞིག་ཡིན་པས། ཉེ་འཁོར་གྱི་མི་ཚང་མར་ཤུགས་རྐྱེན་ཐེབས་ཏེ་ཚང་མས་སེམས་གཏིང་ནས་ཁོང་ལ་བརྩི་འཇོག་དང་དད་གུས་བྱེད་ཀྱི་ཡོད”ཅེས་བརྗོད།


关闭窗口
西藏自治区农牧科学院 © 2010-2020版权所有
地址:西藏自治区拉萨市金珠西路130号  
邮编:850000
[藏ICP备05000682号-1]